视频简介
发行时间:
མཛེས་པའི་ལྷ་མོ་བུ་ཁྲིད། ལྷ་སའི་སྟོད་གཞས། ཚིག་དབྱངས། དམངས་ཁྲོད། ལེན་མཁན། ལྷ་སྐྱིད། མཛེས་པའི་ལྷ་མོ་བུ་ཁྲིད།། མཛེས་པའི་ལྷ་མོ་བུ་ཁྲིད།། མཚོ་སྒོ་གཞུང་ལ་ཐལ་སོང་།། ལྷ་མོ་བུ་ཁྲིད་མེད་ན།། སུ་ལ་བལྟས་ནས་སྡོད་པ།། བལྟས་ན་མཐོང་ཚོད་འདུག་སྟེ།། བལྟས་ན་མཐོང་ཚོད་འདུག་སྟེ།། རི་ཟུར་མ་གིས་བསྒྲིབས་སོང་།། ཕྱིན་ནས་སླེབས་ཚོད་འདུག་སྟེ།། འགྲོ་བའི་དབང་ཆ་མི་འདུག།། ཕྱིན་ནས་སླེབས་ཚོད་འདུག་སྟེ།། འགྲོ་བའི་དབང་ཆ་མི་འདུག།།
加载中

